Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

༸འཇམ་མགོན་སྐུ་ཡི་ཡོངས་འཛིན་རྣལ་འབྱོར་གྱི་དབང་ཕྱུུག་དམ་པ་མཁན་ཆེན་རིན་ཆེན་བཟང་པོ་མཆོག་ནི། མདོ་ཁམས་སྡེ་དགེའི་མངའ་འོག་ཁྲི་ཚོའི་ས་ཁུལ་སེ་ཚ་ཞེས་པར་ཡབ་ཆོས་ལྡན་དང་ཡུམ་སྒྲོལ་མ་གཉིས་སུ། སྤྱི་ལོ་ ༡༩༢༦ རབ་བཅུ་དྲུག་པའི་མེ་སྟག་ལོར་སྐུ་འཁྲུངས་ཤིང་། ཉིད་ཀྱི་ཞལ་ནས། ད་ལྟའི་སྤྱོད་པ་ཆོབ་ཆོབ་འདི་ཉིད་རྟགས་སུ་བཀོད་ན་གཅིན་དང་སྟུག་པས་གདན་བྱས། སྣབ་དང་ཁ་ལུད་ཀྱིས་དར་ཐག་བྲན། ཤིང་དང་སྲོག་མས་ཚང་བཅས་པ་ཞིག་ཡོད་ཐག་ཆོད་རེད། ཆུང་ངུའི་དུས་ནས་སྲོག་གཅོད་ལ་ཤིན་ཏུ་འཛེམས་ཤིང་ད་ལྟའི་བར་རང་གི་བརྡར་ནས་སྲོག་བཅད་པ་མི་དྲན་ཞེས་གསུངས་པ་ལྟར་སྐུ་གཞོན་ནུའི་དུས་ནས་ཐེག་པ་ཆེན་པོའི་བྱམས་དང་སྙིང་རྗེ་ལྷན་སྐྱེས་སུ་མངའ་བ་སོགས་ཀྱི་བྱིས་པའི་བརྟུལ་ཞུགས་ལས་ཡོངས་སུ་འདས། འཇམ་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། སྨྲ་བའི་དབང་ཕྱུག་དམ་པ་མཁན་ཆེན་བྲག་ཡབ་བློ་གྲོས་སོགས་མཁས་གྲུབ་ཀྱི་དབང་པ་དུ་མའི་ཞབས་ལ་བཏུད་དེ་མདོ་སྔགས་རབ་འབྱམས་སྨྲ་བའི་དབང་པོར་གྱུར། ལྷ་དང་བླ་མ་དུ་མས་དངོས་དང་རྨི་ལམ་དུ་རྗེས་སུ་བཟུང། ཆོས་བརྒྱད་ཀྱི་སྤྲོས་པ་ཞིག་པས་རང་བབས་ཀྱི་སྤྱོད་པ་ཁོ་ན་མཛད། བསྟན་པ་རིས་སུ་མ་ཆད་པ་ལ་དག་སྣང་དང་བོད་ཀྱི་ཆོས་བརྒྱུད་བཞི་ཀའི་ལྟ་གྲུབ་ཀྱི་ཆུ་ཀླུང་མ་ལུས་པ་མཁྱེན་པའི་རྒྱ་མཚོར་བསྐྱིལ། ལུང་རིགས་མན་ངག་ཀུན་གྱི་གསང་མཛོད་གཅིག་པོར་གྱུར་པས། ༸གོང་ས་༸སྐྱབས་མགོན་ཆེེན་པོས། རྒྱ་གར་འདས་པའི་ལོ་ངོ་བཞི་བཅུ་ཞེ་གྲངས་ཤིག་གི་རིང་ལ་རིས་མེད་གནང་མཁན་ངས་ངོ་ཤེས་པ་ཁོང་གཅིག་པུ་ཡིན། ང་རང་ཚོའི་མཁས་པའི་ནང་ཁོང་ལྟ་བུ་ཞིག་ཐོན་ཐུབ་ན་བསམ་ནས་ངས་རྟག་པར་དྲན་གྱི་ཡོད། དེ་འདྲ་ཞིག་བྱུང་ན་དངོས་གནས་བསྟན་པ་ལ་ཕན་པ་ཡིན། དེས་དེང་སང་ཕྱི་རྒྱལ་དང་བོད་ནང་ཁུལ་ལ་ཡང་ཏན་ཏན་ཕན་ཐོགས་ཆེན་པོ་འོང་བར་འདུག ལྷག་པར་མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམ་ཡོང་བའི་སྐབས་སུ་ཏན་ཏན་ཕན་ཐོགས་ཆེན་པོ་ཡིན་ཞེས་དང། དངོས་གནས་ངོ་མཚར་སྐྱེ་ཡ་རེད། རིས་སུ་མ་ཆད་པ་གསུང་ཡ་ཡོད་རེད། ད་དེའི་བཟོ་འདྲ་བོ་ཞེ་དྲགས་དཀོན་པོ་རེད། ཅེས་ངེས་པ་དོན་གྱི་བསྔགས་བརྗོད་བཛད། དེ་ལྟར་༸སྐྱབས་མགོན་༸གོང་ས་བཅུ་བཞི་པ་མཆོག་དང་༸སྐྱབས་མགོན་༧་ས་སྐྱ་གོང་མ་ཁྲི་ཆེན་ཞེ་གཅིག་པ་མཆོག་གིས་དབུས་རིས་མེད་བླ་སྤྲུལ་དགེ་བའི་བཤེས་གཉེན་རྒྱལ་བའི་བསྟན་འཛིན་ནུས་པ་མཐའ་ཀླས་པ་སློབ་མར་བསྐྲུན་པ་ནི་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་འདི་བཞིན་དང། མཐར་སྤྱི་ལོ་༡༩༨༥ ཤིང་མོ་གླང་གི་ལོ་བོད་ཟླ་ ༡ ཆེས་ ༢༢ ཉིན་འཇམ་མགོན་རྡོ་རྗེ་འཆང་གི་འོད་གསལ་དག་པའི་གཟིགས་ངོ་བཞིན་དག་པའི་ཞིང་དུ་ཕེབས་པའི་ཚུལ་བསྟན་ཏོ། །གང་གི་ཞལ་སློབ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ནས། 


Copyright © 2014.Sakya Tsechen Association. All Rights Reserved.