Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

20150103 195143སྤྱི་ལོ་ ༢༠༡༤ ཟླ་ ༠༡ ཚེས་ ༠༣ དང་། བོད་ཟླ་ ༡༡ ཚེས་ ༡༤ སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་གངས་ལྗོངས་ཀྱི་དཔའ་བོ་མི་རིགས་ཀྱི་གཟི་བརྗིད་གངས་ལྗོངས་ཀྱི་མུན་སེལ་མི་རིགས་ཀྱི་བླ་སྲོག་བཅུ་ཕྲག་རིག་པའི་སྲོལ་འབྱེད་ཆེན་པོ་ས་སྟེང་ཀུན་ཏུ་གྲགས་པའི་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་བསྟན་འགྲོའི་དོན་ཆེན་རེ་ཞིག་ལེགས་གྲུབ་ཟིན་ཏེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དུས་ཆེན་ཁྱད་པ་ཅན་གྱི་ཉིན་བྱང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པ་ནས་གོ་སྒྲིག་ཞུས་པའི་ཐོག་དུས་ཆེན་སྲུང་བརྩི་20150103 195056གཟབ་རྒྱས་ཞུས། ཚོགས་མགོན་དུ་མཁན་ཆེན་པད་མ་དབང་གྲགས་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་བ་མ་ཟད་ཁོང་ནས་དམ་པའི་ཆོས་སྒྲུབ་ཚུལ་དང་། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་མཛད་རྣམ་ངོ་སྤྲོད་བཅས་ཀྱི་བཀའ་སློབ་ཟབ་རྒྱས་བསྩལ། ནིའུ་ཡོག་བརྩེ་ཆེན་ཚོགས་པ་སྐབས་བཅུ་གསུམ་པའི་ཚོགས་གཙོ་བསྟན་པ་ཡར་འཕེལ་ལགས་ནས་ཚོགས་ཕེབས་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང་། དུས་ཆེན་གྱི་ངོ་སྤྲོད། དམིགས་གསལ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཐུགས་སྨོན་དགོས་པའི་འབོད་བསྐུལ་བཅས་ཀྱི་བཀའ་སློབ་བསྩལ། དེ་ནས་སྦྱོར་དངོས་རྗེས་གསུམ་ཚང་བའིཐོག་སྐྱབས་འགྲོ་སེམས་བསྐྱེད་དང་། འཇམ་མགོན་བླ་མའི་བསྟོད་པ། སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་བསྟོད། བསྔོ་སྨོན། བསྟན་རྒྱས་འགྲོ་ལ་བདེ་སྐྱིད་མ་བཅས་ཀྱི་སྒོ་ནས་དུས་ཆེན་ཁྱད་པ་ཅན་འདི་རེ་ཞིག་འཇུག་སྒྲིལ་བའོ།

20150103 200536

 

 


Copyright © 2014.Sakya Tsechen Association. All Rights Reserved.