སྤྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢ ཉིན།
རང་ཅག་རྣམས་ཀྱི་དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་༧སྐྱབས་མགོན་༧གོང་མ་བདག་ཆེན་རྡོ་རྗེ་འཆང་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་ལས་ཅན་བསོད་ནམས་དང་ལྡན་པའི་གདུལ་བྱའི་མགོན་དུ་དགུང་གྲངས་ ༼༨༥༽ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པ་ཅན་འདིར་བྱང་ཨ་རི་ནིའུ་ཡོག་གི་གྲོང་ཁྱེར་དུ་ས་སྐྱ་བརྩེ་ཆེན་ཚོགས་པའི་གོ་སྒྲིག་འོག་ཆོས་ཕྱོགས་ཀྱིི་ལམ་ནས་སྲུང་བརྩི་གཟབ་རྒྱས་ཞུས།
ཚོགས་མགོན་དུ་བསླབ་གསུམ་འདུལ་འཛིན་ཆེན་པོ་ལུང་རིགས་སྨྲ་བའི་ཁྱུལ་མཆོག་མཁན་པོ་བྱམས་པ་མཆོག་དབུ་བཞུགས་ཀྱིས་༧སྐྱབས་མགོན་བདག་ཆེན་རིན་པོ་ཆེ་མཆོག་གི་སྐུའི་མཛད་རྣམ་དང་། སྤྱིར་བླ་མའི་འཁྲུངས་སྐར། འདས་མཆོད་སོགས་དུས་ཆེན་ཁག་སྲུང་བརྩི་ཞུས་ན་ཕན་ཡོན་དང་དགོས་པ། གསང་སྔགས་ཐེག་ཆེན་པའི་ལུགས་ལ་བླ་མ་གལ་ཆེན་ཡིན་པའི་ཚུལ། བླ་མའི་སྐུ་གསུང་ཐུགས་ལ་མོས་གུས་དང་དག་སྣང་དམ་ཚིག་བཅས་ནི་བླ་མ་སྐུ་ཚེ་བརྟན་པའི་སྨན་མཆོག་ཡིན་པའི་ཚུལ་སོགས་ཟབ་རྒྱས་ཀྱི་བཀའ་སློབ་བསྩལ།ནིའུ་ཡོག་དང་ནིའུ་ཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པ་སྐབས་བཅུ་གསུམ་པའི་ཚོགས་གཙོ་བསྟན་པ་ཡར་འཕེལ་ལགས་ནས་དད་ལྡན་ཚོགས་བཅར་ཡོངས་ལ་འཚམས་འདྲི་དང་དུས་ཆེན་ངོ་སྤྲོད་གནང་།དེ་ནས་དད་ལྡན་ཚོགས་བཅར་བ་ཡོངས་ནས་དད་འདུན་སེམས་རྩེ་གཅིག་པས་བླ་མཆོད་དང་། བསྟན་པ་རྒྱས་པའི་སྨོན་ལམ། མ་མེའི་སྨོན་ལམ། ཞབས་བརྟན་གསོལ་འདེབས་སོགས་བགྱིས་ཏེ་
བཀྲ་ཤིས་པའི་དུས་བཟང་འདི་རེ་ཞིག་འཇུག་སྒྲིལ་བ་དགེ