Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

བོད་ཟླ་ ༩ ཚེས་ ༡༤ ཉིན་བྱང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་གོ་སྒྲིག་འོག་བོད་གངས་ཅན་གྱི་ལྗོངས་སུ་ཡོངས་རྫོགས་བསྟན་པ་རྒྱས་བྱེད་ས་སྐྱ་པ་ཞེས་ཡོངས་སུ་གྲགས་པ་ལྟར་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུ་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དགོངས་རྫོགས་དུས་ཆེན་ནམ། ཡོངས་གྲགས་སུ་ས་མཆོད་ཆེན་མོའི་དུས་ཆེན་དང། བསླབ་གསུམ་ཚུལ་ཁྲིམས་དྲི་བཟང་ཕྱོགས་བརྒྱར་འཐུལ་བའི་སྡོམ་བརྩོན་བྱེ་བའི་གཙུག་རྒྱན་རྒྱལ་བའི་ལུང་གི་ཟིན་པའི་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབ་དོན་ལྔ་པ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་བསྟན་འགྲོའི་ཕན་བདེའི་མགོན་དུ་དགུང་གྲངས་༼༨༥༽ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་གཟབ་རྒྱས་ཞུས།བྱང་ཨ་རི་ནིའུ་ཡོག་ས་སྐྱ་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་བསྟན་པ་ཡར་འཕེལ་ལགས་ནས་དུས་ཆེན་ངོ་སྤྲོད་དང་འབྲེལ་དད་ལྡན་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས།

 

SAM 0520

ཚོགས་མགོན་དུ་བྱང་ཨ་རི་ནིའུ་ཡོག་ས་སྐྱ་བརྩེ་ཆེན་ཚོགས་པའི་སློབ་སྟོན་པ་མཁས་བཙུན་བཟང་གསུམ་ཡོན་ཏན་གྱི་ཕྱུག་པ་མཁན་རིན་པོ་ཆེ་བླ་མ་པདྨ་དབང་གྲགས་མཆོག་དབུ བཞུགས་ཐོག་དཔའ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ་སྤྱི་བྱེ་བསྟན་པ་ལ་བཀའ་དྲིན་ཆེ་བའི་རྣམ་ཐར་དང་། ཆོས་གང་ཞིག་བྱས་རུང་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཆོས་

བྱས་པ་ཡིན་ན་དགེ་མཚན་དང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པའི་ཚུལ། ཆོས་བྱེད་པའི་སྐབས་མཉམ་བཞག་དང་རྗེས་ཐོབ་ཁ་མ་བྲལ་ཐོག་ཆོས་བྱེད་གལ་ཆེ་བའི་ཚུལ་སོགས་ཟབ་རྒྱས་ཀྱི་བཀའ་སློབ་བསྩལ། དེ་ནས་དད་ལྡན་ཚོགས་བཅར་བ་ཡོངས་ནས་དད་འདུན་སེམས་རྩེ་གཅིག་པས་མཆོག་གསུམ་གསོལ་འདེབས་དང་། བསྟན་རྒྱས་སྨོན། དཔལ་ལྡན་བླ་མ་དམ་པ་རྣམས་སྐུ་ཚེ་བརྟན་པའི་ཞབས་བརྟན་གསོལ་འདེབས་སོགས་བགྱིས་ཏེ་བཀྲ་ཤིས་པའི་དུས་བཟང་འདི་རེ་ཞིག་འཇུག་སྒྲིལ་བ་དགེ

 

DSC02339

DSC02330


Copyright © 2014.Sakya Tsechen Association. All Rights Reserved.