Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

 ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་༡༣དང་༡༤བཅས་ཉིན་གཉིས་ཀྱི་རིང་རྒྱ་གར་བྱང་ཕྱོགས་དྷེ་ཧཱ་རཱ་དྷུན་མངའ་ཁུལ་དུ་བརྟེན་གཞི་བྱས་པའི་དཔལ་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུར་འཁོར་བའི་དུས་དྲན་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཆེན་མོ་ཞིག་བསྟན་འགྲོ་དཔལ་མགོན་མཚུངས་མེད་ངེས་པ་དོན་གྱི་རྡོ་རྗེ་འཆང་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་ཡིད་བཞིན་ནོར་བུ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་སྲུང་བརྩི་ཞུས་གནང་བ་དང་། སྐུ་མགྲོན་གཙོ་བོར་སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཕོ་བྲང་རྣམ་གཉིས་ཀྱི་སྐྱབས་རྗེ་འཁོན་གྱི་གདུང་སྲས་རྣམ་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མཁས་དབང་ཟམ་གདོང་རིན་པོ་ཆེ། དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིགས་བཀའ་བློན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོག་གཙོ་མཆོག

 

ཝ་ར་ནཱ་སིའི་མཁས་དབང་མི་ཤཱ་མཆོག ། ངོར་མཁན་པོ་ཁྲི་པ་དབུས་པའི་བླ་སྤྲུལ་མཁས་དབང་དགེ་འདུན་རྣམ་པ། འཛམ་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་འབྲེལ་ཡོད་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་མང་སྟོང་ཚོ་གསུམ་ལྷག་ཙམ་ཞིག་འདུ་འཛོམས་གནང་སོང་།ཐོག་མར་༧སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་གཙོས་དམིགས་གསལ་གྱི་སྐུ་མགྲོན་རྣམ་པས་སྣང་གསལ་གྱི་སྒྲོན་མེ་ཞལ་འབྱེད་གནང་། དེ་ནས་ས་སྐྱ་ཆོས་སྒར་གྱི་གྲྭ་ཆུང་ཁག་ཅིག་དང་བཙུན་དགོན་རིན་ཆེན་གླིང་གི་བཙུན་ཆུང་ཁག་ཅིག་ནས་རྟེན་འབྲེལ་བསྟོད་པའི་ཤིས་ཚིག་དབྱངས་སུ་གྱེར། སྐུ་མགྲོན་གཙོ་བོ་ཁག་ཅིག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་། དཔལ་ལྡན་ཆོས་རིགས་བཀའ་བློན་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་མཛད། དེ་ནས་༧སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། འདས་པའི་མི་ལོ་ལྔ་ཅུ་ཟེར་དུས་ལོ་རྒྱུས་ཀྱི་དབང་དུ་བྱས་ན་རྒྱུན་རིང་པོ་མིན་ན་ཡང་མི་གཅིག་གི་མི་ཚེ་ཆར་བགོས་ན་རིང་པོ་རེད། ཆོས་སྒར་འདི་ཐོག་མ་ཕྱི་ལོ་༡༩༦༤ཕྱི་ཟླ་༣ཚེས་༡༦ ལ་དབུ་བརྙེས་པ་ནས་ད་བར་རྩིས་ན་ལོ་ལྔ་བཅུ་ཧྲིིལ་པོ་འཁོར་གྱི་ཡོད་རེད། དུས་དྲན་བྱེད་དགོས་ཡ་དེ་འདས་པའི་ལོ་ལྔ་བཅུ་ལ་ཕྱི་མིག་ཅིག་བལྟས་ན་ང་རང་ཚོས་ག་རེ་བྱས་ཐུབ་ཡོད་པ་དང་། མ་འོངས་པའི་ལོ་ལྔ་བཅུ་ལ་ག་རེ་གནང་དགོས་ས་རེད་དེ་དག་ལ་བསྐྱར་ཞིབ་བྱེད་ཡ་རེད་ཅེས་སོགས་དང་། མདོར་ན་ད་བར་གྲུབ་འབྲས་ག་རེ་བྱུང་ཡོད་པ་དེ་༸་གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པས་གང་ཉིད་ཀྱི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཡིན་ཞེས་དང་། ད་བར་གནས་ཡུལ་རྒྱ་གར་གཞུང་དང་མངའ་སྡེ་དང་ཡུལ་མི་སོགས་ཀྱི་མཐུན་འགྱུར་གནང་བ་ལ་ཐུགས་རྗེ་ལེགས་གསོལ་ཞུ་བ་སོགས་བཀའ་སློབ་ཟབ་རྒྱས་བསྩལ་གནང་མཛད།དེའི་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ། གསུང་བཤད་ཀྱི་མཛད་རིམ་ཁག་ལེགས་པ་གྲུབ་རྗེས༧སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་བརྩེ་ཆེན་པོས་ས་སྐྱའི་མ་དགོན་བཤད་གྲྭའི་སློབ་པ་མཐར་སོན་པ་ཁག་ཅིག་ལ་བཀའ་བཅུ་པ་དང་སློབ་དཔོན་གྱི་ཕྱག་འཁྱེར་གནང་བསྩལ་གནང་མཛད། དེ་ནས་སློབ་གྲྭ་ཁག་དང་ས་སྐྱ་གཞིས་ཆགས། བོད་ཀྱི་གླུ་བ་སྙན་གྲགས་ཅན་ཚེ་རིང་འགྱུར་མེད་དང་མཁྱེན་བརྩེ་སོགས་ཀྱིས་རིག་གཞུང་འཁྲབ་སྟོན་དང་གཞས་སྣ་གཟིགས་འབུལ་ཞུས།སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་ཕྱི་ནང་གི་སྐུ་མགྲོན་ཁག་གཙོ་བོ་གྱུར་པའི་མི་མང་ལ་ནོར་བུའི་བསྟན་པའི་སྤྱི་དབང་གི་རྗེས་གནང་བཀའ་དྲིན་ཆེ་གནང་མཛད་དེ་མི་མང་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཏེ་བཀྲ་ཤིས་པའི་དུས་དྲན་གྱི་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་ཟིན


Copyright © 2014.Sakya Tsechen Association. All Rights Reserved.