Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

Member-App2



ནིའུ་ཡོག་དང་ནིའུ་ཇར་སི་ས་སྐྱ་བརྩེ་ཚོགས་པ་འདི་བཞིན་༧སྐྱབས་མགོན་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་གཞིར་བཟུང་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་རང་ལུགས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་རྒྱུན་འཛིན་དང་། རིགས་གཞུང་གཅེས་འཛིན། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཆེད་ཚོགས་མི་ཉུང་ཤས་ལས་གྲུབ་པའི་ཚོགས་པ་འདི་ཐོག་མ་གསར་བཙུགས་ཞུས།

 

Membersསྤྱི་ལོ་༢༠༡༣ལོར་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་བྱང་ཨ་རི་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་སྐྱོངས་བ་དང་སྟབས་བསྟུན་ཚོགས་པ་འདི་རྒྱ་བསྐྱེད་གནང་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་ཞལ་གཞེས་ཀྱི་བཀའ་དྲིན་ཟབ་མོ་ལེགས་པར་ཐོབ་ཏེ་ལུང་ཚན་རེ་ནས་རྒྱུན་ལས་རེ་འདེམས་སྒྲུག་གྱིས་རྒྱུན་ལས་ཉེར་གཅིག་ལས་གྲུབ་པའི་ཚོགས་པ་འདི་རྒྱ་བསྐྱེད་གནང་བ་མ་ཟད་གཞུང་ལ་དེབ་སྐྱེལ་ལེགས་གྲུབ་ཟིན་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཡིན། ཚོགས་པ་འདིའི་ནང་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡིའི་བོད་རིགས་བཅས་ཚོགས་མི་ཆིག་སྟོང་ལས་བརྒལ་བ་ཡོད་ཀྱང་ད་ཆར་དངོས་སུ་དེབ་སྐྱེལ་ལེགས་གྲུབ་ཟིན་པའི་ཚོགས་མི་ལྔ་བརྒྱ་ལྷག་ཙམ་ཞིག་མཆིས། ཚོགས་པ་འདིའི་ནང་སེར་སྐྱ་དབྱེར་མེད། ཆོལ་ཁ་དབྱེར་མེད། མི་རིགས་དབྱེར་མེད། ཆོས་བརྒྱུད་དབྱེར་མེད།མདོར་ན་ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་དུ་གནས་སྡོད་དཔལ་ལྡན་ས་སྐྱ་པའི་ཆོས་ཀྱི་རྗེས་འབྲང་པ་ངོར་རྫོང་ཚར་གསུམ་གྱི་གཙོས་པའི་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་ལ་དད་གུས་དོ་སྣང་ཅན་དང་། ནིའུ་ཡོག་བརྩེ་ཆེན་ཚོགས་པ་ལ་དགའ་ཞན་ཅན་གང་ན་སུ་བཞུགས་ཐམས་ཅད་འཛུལ་ཞུགས་ཆོག་པ་མ་ཟད་ང་ཚོས་དུས་རྟག་ཏུ་སྒོ་ཕྱེས་ཡོད། དེ་མ་ཟད་ང་ཚོས་སྟབས་བདེ་ཡོང་བའི་ཆེད་དྲྭ་རྒྱའི་བརྒྱུད་ནས་ཐད་ཀར་ཚོགས་མི་འཛུལ་ཞུགས་ཀྱི་དེབ་སྐྱེལ་གནང་རྒྱུའི་ཆ་རྐྱེན་སྐྲུན་ཡོད། ཁྱེད་རྣམ་ཕེབས་པར་དགའ་བསྲུ་ཚད་མེད་ཞུ།


Copyright © 2014.Sakya Tsechen Association. All Rights Reserved.