Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

ཡབ་དཔལ་ཆེན་འོད་པོ་དང་ཡུམ་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟགཕྱི་ལོ་༡༡༨༢ལོར་ངོ་མཚར་བའི་ལྟས་བསམ་གྱི་མི་ཁྱབ་པ་དང་བཅས་ཏེ་སྐུ་བལྟམས།རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པ་བླངས་ཏེ་མཚན་ཀུན་དགའ་རྒྱལ་མཚན་ཞེས་གསོལ།དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་དང་མཇལ།པཎ་ཆེན་དེའི་སློབ་མ་ས་གྷ་ཤི།སུ་གྷ་ཏ་ཤྲཱི་ལ་སོགས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ་དང་།སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ་རིགས་པའི་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ་བོད་དུ་པཎྜིཏའི་མཚན་གྱི་ཅོད་པཎ་ཐོག་མར་བཞེས།དགུང་ལོ་ཉེར་བདུན་པར་ཁ་ཆེ་པཎ་ཆེན་གྱི་དྲུང་དུ་བསྙེན་རྫོགས་མཛད།མུ་སྟེགས་སྟོན་པ་འཕྲོག་བྱེད་འཁོར་བཅས་རྩོད་པས་ཚར་བཅད་དེ་ཤཱཀྱའི་བསྟན་པ་ལ་བཅུག།བོད་ཡུལ་དུ་རིག་པའི་གནས་བཅུ་སྲོལ་འབྱེད།བོད་མི་མཐའ་དག་ཧོར་གྱི་འཇིགས་པ་ལས་བསྐྱབས་ཤིང་ཧོར་ཡུལ་དུ་ནང་ཆོས་ཀྱི་བསྟན་པ་གསར་དུ་སྤེལ།མེ་ཕོ་བྱི་བ་ཕྱི་ལོ་༡༢༡༦ནས་ཤིང་ཕོ་བྱི་བ་ཕྱི་ལོ་༡༢༦༤བར་གདན་ས་མཛད།ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་ལ་སྡོམ་གསུམ་རབ་དབྱེ་དང་།སྤྱོད་པ་དང་སྤྱོད་པ་མ་ཡིན་པ་རྣམ་པར་འབྱེད་པ་ལ་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།ཚད་མ་དང་ཚད་མ་མ་ཡིན་པ་རྣམ་པར་འབྱེད་པ་ལ་ཚད་མ་རིགས་གཏེར་སོགས་མདོ་སྔགས་རིག་གནས་དང་བཅས་པའི་བརྩམས་ཆོས་ལེགས་པར་བཤད་པ་མཐའ་ཡས་པ་ཞིག་ཕྱི་རབས་གདུལ་བྱ་རྣམས་ཀྱི་གསོས་སུ་བཞག་མཐར་ལྕགས་མོ་ཕག་ཕྱི་ལོ་༡༢༥༡ལོའི་སྨལ་པོ་ཟླ་བའི་ཚེས་བཅུ་བཞི་ཉིན་སྔར་ཧོར་བོད་དུ་བྱུང་མ་མྱོང་བའི་ལྟས་བསམ་གྱིས་མི་ཁྱབ་པར་དང་བཅས་ཏེ་བྱང་ཕྱོགས་སྤྲུལ་པའི་གཙུག་ལག་ཁང་དུ་སྐུ་གཤེགས་སོ།


Copyright © 2014.Sakya Tsechen Association. All Rights Reserved.