Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

ཡབ་བརྩེ་ཆེན་ཀུན་དགའ་སྙིང་པོ་དང་ཡུམ་གཉིས་ཀྱི་སྲས་སུ་མེ་མོ་ཡོས་༡༡༤༧ལོར་སྒོ་རུམ་གྱི་མགོན་ཁང་གི་མདོར་སྐུ་བལྟམས།དགུང་ལོ་བརྒྱད་ལོན་པ་ན་བྱང་ཆུབ་སེམས་དཔལ་ཟླ་བ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས།གཅེན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང་།གཉན་གཙུག་ཏོར་རྒྱལ་པོ།ཞང་ཚུལ་ཁྲིམས་གྲགས།སྙག་དབང་རྒྱལ།བལ་པོ་ཛ་ཡ་སེ་ན།ལོ་ཙཱ་བ་དར་མ་ཡོན་ཏན།སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ་སོགས་མཁས་གྲུབ་དུ་མར་བསྟེན་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་བཞིས་མཚོན་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ཏེ་ཐོས་པའི་ཕ་རོལ་ཏུ་སོན།སྒྲུབ་པ་གཉིས་ལ་ཐུགས་གཞོལ་བས་རིམ་པ་གཉིས་ལ་བརྟན་པ་ཐོབ་པའི་ངེས་ཤེས་སྐྱེ་ཞིང་།ཡི་དམ་གྱི་ལྷས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས།གྲུབ་པའི་མཚན་མ་ལ་མངའ་བརྙེས་པས་ཁ་ཆེ་པཎ་ཆེན་ཕེབས་སྐབས་རྡོར་དྲིལ་བར་སྣང་དུ་ཁྲོལ་ལེར་བཞག་པ་དང་།ཁ་ཆེ་པཎ་ཆེན་གྱིས་ཉི་མ་གཟའ་འཛིན་ཡོད་པར་དུས་བཏབ་པར་རྗེ་འདིས་གཟའ་འཛིན་མེད་པར་བསྒྱུར་བ་མཛད་པས།ཁ་ཆེ་པཎ་ཆེན་གྱིས་དམ་པ་འདི་ཉིད་གསང་བ་འདུས་པའི་དཀྱིལ་འཁོར་དུ་གཟིགས་ཏེ་མ་ཧཱ་བཛྲ་དངོས་སུ་འདུག་ཅེས་བརྗོད་མཛད་པ་སོགས་ངོ་མཚར་བའི་མཛད་པ་ཤིན་ཏུ་མང་ངོ་།ཆུ་ཕོ་འབྲུག་ཕྱི་ལོ་༡༡༧༢ནས་ཤིང་མོ་ཕག་ཕྱི་ལོ་༡༢༡༥བར་གདན་ས་མཛད།ལམ་འབྲས་བརྒྱུད་པའི་གསོལ་འདེབས།རྒྱུད་གསུམ་རིན་པོ་ཆེའི་ལྗོན་ཤིང་།རྒྱུད་སྡེ་དུམ་བུ་བརྒྱད་ཅུ་གསུམ་པ།རྗེ་བཙུན་ས་སྐྱ་པ་ཆེན་པོའི་རྣམ་ཐར།བླ་མ་ལྔ་བཅུ་པའི་འགྲེལ་བ།འཇམ་དབྱངས་ཆེན་མོ་སོགས་པོད་བཞི་ཙམ་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་སྟེ།མཐར་ཕྱི་ལོ་༡༢༡༦ལོའི་དབོ་ཟླ་བའི་ཚེས་༡༢ལ་སྒོ་རུམ་ཡེ་ཤེས་ཀྱི་མགོན་པོ་དངོས་སུ་བཞུགས་པའི་མདོར་སྐུའི་བཀོད་པ་བསྡུས་སོ།


Copyright © 2014.Sakya Tsechen Association. All Rights Reserved.