Khenchen Apey Rinpoche

 

༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་༧སྐྱབས་མགོན་ ༧གོང་མ་མཆོག་དགུང་གྲངས་ ༧༥ ཕེབས་པའི་འཁྲུངས་སྐར་སྲུང་བརྩི།

དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེ་ཝན་ལ་འདི་ལོ་ཐེངས་དང་པོ་འཚོགས་རྒྱུ་ཆོས་བརྡ་གསལ་བསྒྲགས

 

What is the Sakya Tradition? Sakya Trichen - Buddhism Explained

 

བོད་ཆུ་ཕོ་སྤྲེལ།ཕྱི་ལོ་༡༠༩༢ལོར་ཡབ་དཀོན་མཆོག་རྒྱལ་པོ་དང་ཡུམ་མ་གཅིག་ཞང་མོའི་སྲས་སུ་སྐུ་བལྟམས།དགུང་གྲངས་བཅུ་གཅིག་པར་ཡབ་རྗེ་བདེ་བར་གཤེགས་པས་བླ་མ་བ་རི་ལོ་ཙཱ་བ་གདན་སར་སྤྱན་དྲངས།དེ་ནས་བླ་མ་བ་རི་པས་ཁྱོད་སློབ་གཉེར་བྱེད་དགོས་པ་ཡིན།དེ་ལ་ཤེས་རབ་དགོས་པས་འཇམ་དཔལ་དབྱངས་སྒྲུབས་གསུངས་པ་བཞིན་འཇམ་དབྱངས་ཀྱི་བསྙེན་སྒྲུབ་མཛད་པས་ཟླ་བ་དྲུག་གི་མཚམས་སུ་འཇའ་འོད་གུར་ཁང་ཆེན་པོའི་དབུས་སུ་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དམར་སེར་རིན་པོ་ཆེའི་ཁྲི་ལ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ་འཁོར་བྱང་སེམས་གཉིས་དང་བཅས་པ་མངོན་སུམ་བྱོན་པ་ལས་འཇམ་དབྱངས་ཨ་ར་པ་ཙ་ནའི་གསང་བ་གསུམ་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཐུགས་རྒྱུད་ཀྱི་བུམ་བཟང་ཡོངས་སུ་གང་ཞིང་ཕར་ཕྱིར་གྱི་གདམས་པ་ཟབ་མོའི་སྙིང་པོ་ཞེན་པ་བཞི་བྲལ་གྱི་གདམས་ངག་གི་བཀའ་དྲིན་བསྩལ།དགུང་གྲངས་ཉེར་དགུ་ནས་སོ་གཉིས་བར་ལོ་འཁོོར་བཞིའི་རིང་ལ་བླ་མ་རྡོ་རྗེ་འཆང་ཞང་སྟོན་ཆོས་འབར་ལས་རྒྱ་བོད་ཀྱི་གདམས་པ་རྒྱ་མཚོའི་སྙིང་ཁུ་རིན་པོ་ལམ་འབྲས་ཀྱི་ཆོས་ཚུལ་མནོས།མཐར་རྣལ་འབྱོར་ཀྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པའི་ཟབ་ཆོས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་གདམས་ངག་གསུང་ངག་རིན་པོ་ཆེའི་ཆོས་བདག་ཏུ་དབང་བསྐུར།བླ་མ་ཞང་ལས་གསུང་ངག་ཞུས་པ་དེ་ནས་ལོ་བཅོ་ལྔ་ཙམ་གྱི་རྗེས་ལ་ས་ཆེན་ཀུན་དགའ་སྙིང་པོའི་མོས་གུས་ཀྱིས་གསོལ་བས་བླ་མ་གཞན་དོན་དུ་གཤེགས་ཟིན་ནའང་དག་སྣང་ལ་བླ་མ་ཞང་སྟོན་གྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཟབ་མོ་གསུང་ངག་རིན་པོ་ཆེ་མཁའ་འགྲོའི་ཞལ་རླངས་ཐུལ་ལེའི་གདམས་ངག་ཡོངས་སུ་རྫོགས་པ་ལན་གཉིས་པ་རུ་མནོས།དེ་ལོའི་ས་ག་ཟླ་བའི་ཚེས་ཉེར་གསུམ་གྱི་ཉིན་མོར་དཔོན་པོ་རིའི་ངོས་ས་དཀར་གླང་ཆེན་འགྱིང་འདྲའི་དབུས་ཉིད་ཀྱི་ནམ་མཁའ་རུ་སྟག་ལྤགས་ཆེན་པོ་བཏིང་བའི་གདན་སྟེང་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པའི་སྐུའི་དཀྱིལ་འཁོར་ཆེ་རུ་མ་སོང་བའི་སྐྱིལ་ཀྲུང་གིས་ཆུང་དུ་མ་སོང་བའི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་གནས་གཞི་ཡོངས་རྫོགས་ཁྱབ་པར་མཛད་ནས་བཞུགས་པའི་གཡས་སུ་ཀྲྀཥྞ་པ་གདུགས་འཛིན་ཅིང་།གཡོན་དུ་གྲུབ་ཆེན་ནག་པོ་པ་རྭ་དུང་འབུད་བཞིན་པའི་གཙོ་འཁོར་རྣམ་གསུམ་དངོས་སུ་དུ་གདན་ས་ཆེན་པོ་ས་སྐྱར་ཕེབས་ནས་བཟུང་སྟེ་ཟླ་བ་གཅིག་རིང་གསོལ་བཞེས་ས་ཆེན་རང་ཉིད་ཀྱིས་མངོན་སུམ་སུམ་དུ་སྦྱར་ཏེ་སྤྱིར་རྒྱུད་སྡེ་བདུན་ཅུ་དོན་གཉིས་མན་ངག་དང་ཁྱད་པར་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་པའི་གདམས་པ་རྒྱ་མཚོ་དང་།ཡང་སྒོ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་གདམས་ངག་ཀུན་གྱི་ཉིང་ཁུ།གསུང་ངག་ལམ་འབྲས་བུ་དང་བཅས་པའི་ཉེ་བརྒྱུད་ཀྱི་ཡིད་བཞིན་ནོར་བུ་སྒོ་སྐྱེལ་གྱི་ཚུལ་དུ་བསྕལ།རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པས་ས་ཆེན་གྲུབ་རང་དང་རྟོགས་པ་མཉམ་པར་བྱིན་གྱིས་བརླབས་སོ།བསྟན་པའི་བདག་པོ་བླ་མ་ས་སྐྱ་པ་མ་དྲོས་མཚོ་ཆེན་ལས་འགྲན་བྲལ་རིགས་ཀྱི་ཆུ་བོ་རྣམ་བཞི་ཆོས་ཀྱི་འཁོར་ལོ་ཉིད་དུ་གཡས་སུ་བསྐོར་བའི་སྒོ་ནས་མཐའ་ཀླས་བསྟན་འགྲོའི་དཔལ་དུ་དལ་གྱིས་བབས་པས་གསུང་ངག་རིན་པོ་ཆེའི་བཅོ་བརྒྱད་བཀའ་རྒྱ་གྲོལ་མཚམས་སྙན་བརྒྱུད་ཟབ་མོ་ཡི་གེ་བཅུ་གཅིག་ཏུ་བཀོད།སྙན་བརྒྱུད་སྐོར་རྣམས་མ་བརྩིས་ན་གསུང་པོད་གཉིས་བཞུགས།འོས་སུ་གྱུར་པའི་ཐུན་མོང་གི་གདུལ་བྱ་སྤྱིར་རྒྱུད་མན་ངག་ཟབ་མོ་དང་།ལྷག་པར་དུ་ཐུན་མོང་མ་ཡིན་པའི་སྐལ་ལྡན་གྱི་གདུལ་བྱ་ལ་གསུང་ངག་ཟབ་མོའི་གདམས་པ་རྒྱ་མཚོའི་བདུད་རྩི་སྤེལ་བའི་རྒྱུ་ཅན་ལས།ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་གསུམ།བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སློབ་བུ་བདུན།རྟོགས་པ་དང་ལྡན་པ་བརྒྱད་ཅུ།གཞུང་བཤད་གཅེས་པར་འཛིན་པའི་ཐུགས་སྲས་བཅུ་གཅིག་ཕྱོགས་ཀྱི་མཁས་གྲུབ་ཆེན་པོ་བཞི་ལ་སོགས་པ་མཁས་གྲུབ་ཀྱི་སློབ་མ་དམ་པ་མཐའ་ཡས་པ་བྱོན།ལྕགས་མོ་ཡོས།ཕྱི་ལོ་༡༡༡༡ལོ་ནས་ས་ཕོ་སྟག་ཕྱི་ལོ་༡༡༥༨བར་གདན་ས་བཟུང་།མཐར་ས་ཕོ་སྟག་ཕྱི་ལོ་༡༡༥༨་ལོའི་ཐ་སྐར་གྱི་ཟླ་བའི་ཚེས་༡༤ལ་སྐུའི་བཀོད་པ་བཞི་བསྟན་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ།


Copyright © 2014.Sakya Tsechen Association. All Rights Reserved.